བྱ་མ་རྟ།

བྱ་མ་རྟ། 1.0

གཞུང་ཕྱོགས་པར་གཞི། བརྡ་ཁྱབ་མེད། 837,300

གསར་སྒྱུར་དུས།:2020-09-20 རིགས་དབྱེ།: སྐད་རིགས།:བོད་ཡིག རྒྱ་ཡིག སྟེགས་བུ།:

31.7MB 119 གིས་ཕབ་ཟིན། ཁ་པར་ནས་བལྟ་བ།

གངས་ལྗོངས་བྱ་མ་རྟ་ངོ་སྤྲོད་ཡིག་བརྒྱ་མ།

བྱ་མ་རྟ།

གངས་ལྗོངས་བྱ་མ་རྟ་གཙུག་ལག་བོད་ཀྱི་རིག་གནས་དྲ་བ་ནི་མཐོ་སྒང་འདིིར་སྔར་བྱུང་ཡོད་པ་དང་ད་ལྟའང་འབྱུང་བཞིན་པའི་རིག་གནས་སྤྱི་དང་དེ་མིན་དཔལ་འབྱོར་དང་ཚན་རྩལ། དད་མོས་དང་ཡུལ་སྲོལ། ཐ་དད་པའི་རིག་ཚན་སོ་སོའི་ནང་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་གསར་གཏོད་དང་རྒྱུན་འཛིན་ལ་བྱས་རྗེས་ཆེ་མ་ཆུང་གསུམ་འཇོག་བཞིན་པའི་ཕོ་མོ་རྒན་དར་གཞོན་གསུམ་གྱི་བརྩམས་ཆོས་རིགས་གང་རུང་གི་བདག་དབང་ལ་སྲུང་སྐྱོབ་དང་རྒྱ་ཁྱབ་ཏུ་དར་སྤེལ་བྱེད་ཕྱིར་སྐྲུན་པའི་མ་ལག་ཅིག་ཡིན། མ་ལག་འདིར་བྱེ་བྲག་ལྟ་ཀློག་དང་ཉན་ཐོས། གཟུགས་བརྙན་དང་རོལ་དབྱངས། དུས་ཐོག་སློབ་སྦྱོང་སོགས་ད་སྔ་ལག་ལེན་ལྡན་པའི་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་དམིགས་ཡུལ་ཐ་དད་ཀྱི་སློབ་སྦྱོང་མཁན་དང་རོལ་མྱོང་མཁན་ཚོར་སྣ་འཛོམས་དང་ཡོངས་འདུས་ཀྱི་རྒྱུ་ཆ་སྣ་ཚོགས་རིན་མེད་གཟིགས་འབུལ་དང་། རིག་གནས་སྤྱིའི་ནང་ངོགས་སོ་སོ་གཟུགས་སྒྲ་དྲི་རོ་རེག་བྱ་ལྟ་བུའི་སྒོ་ནས་ཁྱེད་ཚོར་ཕུལ་བ་འདིས། རིག་གནས་ཁ་འཐོར་དང་དགའ་ཕྱོགས་འཐེན་ཁྱེར་ལ་འགྲོ་བཞིན་པའི་སྤྱི་ཚོགས་སྣང་ཚུལ་དེར་ཡང་བསྐྱར་སྐེ་རག་ཅིག་བསྡམས་པ་ཡིན།

ལས་དོན་འདི་ཧ་ཅང་གལ་ཆེ་བའི་གནས་བབས་ལ་བསམ་ནས་ངེད་ལས་བཟོ་ཚོ་ཆུང་གིས་ལས་གཞི་འདིའི་མིང་ལ་བྱ་མ་རྟ་བཏགས་པ་ཡིན་ལ། དེའང་མ་ལག་འདིར་ཞུགས་མཁན་གྱི་རོང་འབྲོག་མེད། མཁས་བླུན་མེད། ཆོ་ག་དབྱེར་མེད་དུ་བོད་མི་ཐེ་བོང་ཙམ་ཡན་ཐུན་མོང་ལ་དབང་བ། མ་ལག་འདི་བརྒྱུད་ནས་ཕྱོགས་སོ་སོའི་ཤེས་བྱ་མཁོ་འདོན་བྱ་མཁན་གྱི་གལ་ཆེ་བའི་ཕོ་ཉ་དེ་ཁྱེད་རང་ཉིད་ཡིན།

མ་ལག་འདིར་ཞུགས་པ་ནས་བཟུང་། ཁྱེད་ཀྱི་མཚན་དེ་ཁྱེད་ཀྱི་དཔེ་སྒྲོམ་ལ་འདྲེས་ཡོད་ལ། སྐབས་རེར་སུན་པོའི་དབང་གིས་སེམས་གསོ་བའི་རྐྱང་གཞས་རེ་དང་འུར་ཚ་བའི་བརྙན་གཟུགས་རེ་ལའང་འབྱར་ཡོད། མདོར་ན། བྱ་མ་རྟའི་རུ་དཔུང་ལ་ཞུགས་པ་ནས་བཟུང་ཁྱེད་ལ་བར་མ་ཆད་པའི་སློབ་སྦྱོང་གི་འདུ་ཤེས་དང་ད་དུང་ཤེས་བྱ་མཉམ་སྤྱོད་ཀྱི་སྤོབས་པ་དང་ལྷག་བསམ་ཀྱང་བཞུགས་དེ། དུས་ནམ་ཡང་བརྩམས་ཆོས་གསར་བ་དང་ཀུན་ཕན་བརྙན་རིས་དག་རང་མོས་ཀྱིས་བཀོད་དེ། ཡང་བསྐྱར་མཐོ་སྒང་འདིའི་མ་འོངས་བར་ཁྱེད་ཀྱི་ཁ་མདོག་མཚར་བའི་མཛེས་སྡུག་གསར་བ་རེ་ངོམས་ཆོག

འབྲེལ་ཡོད་མ་ལག

བཀས་བཅད་ཐ་སྙད་རྒྱ་བོད་ཚིག་མཛོད།
༄༅།། བཀས་བཅད་ཐ་སྙད་རྒྱ་བོད་ཚིག་མཛོད་འདི་ནི་བོད་སྐད་ཡིག་ལས་དོན་ཆ་འཕྲིན་ཅན་དུ་གཏང་རྒྱུར་ཤུགས་སྣོན་རྒྱག་པ་དང་། བོད་ཡིག་བཀས་བཅད་ཐ་སྙད་ཁྱབ་གདལ་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱ་བོད་ལོ་ཙཱ་བར་ཆེས་སྟབས་བདེ་བའི་ཡིག་སྒྱུར་གྱི་ལག་ཆ་ཞིག་མཁོ་འདོན་བྱ་རྒྱུ་བཅས་ལ་དམིགས་ཏེ། ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(ལྷ་ས་གྲོང་ཁྱེར་རྩོམ་སྒྱུར་ཅུད)གིས་འགན་ཁུར་ནས། ན་རོ་ཆ་འཕྲིན་ཚོགས་པས་ལག་རྩལ་མཁོ་འདོན་བྱས་ཏེ་གསར་སྤེལ་བྱས་པ་ཞིག་ཡིན།
རིས་འགྲེལ་མིང་མཛོད།
汉藏英常用新词语图解词典》app,《汉藏英常用新词语图解词典》来源于《汉藏英常用新词语词典》编纂小组编纂、四川民族出版社和四川出版集团出版的《汉藏英常用新词语图解词典》第一、二册。它是由《汉藏英常用新词语词典》编纂小组和成都龙霄信息技术有限公司联合制作的一款功能丰富的图解词典应用,目前包含了4554个词语,3000多张图片,每个词语除了图片和汉、藏、英三种文字外,还提供了汉语、英语、藏语牧区音、藏语拉萨音和藏语康巴音的读音,是学习这三种语言的好工具。本应用可以分别用汉文、藏文、英文三种文字显示,以方便不同语言的使用者。
吉珠教育
青海吉珠教育APP
དྲི་ཟའི་དབྱངས།
དེ་ནི་ཟི་ཁྲོན་དྲི་ཟའི་དབྱངས་ཚད་ཡོད་ཀུང་སིས་བཟོས་པའི་སྙན་མོ་དྲི་ཟི་ཡུལ་གྱི་གླུ་དང་གཞས་མང་པོ་གཏམས་ཡོད་པ་ཅིག
ཡོངས་འཛིན་གཏག་ཐབས།
ཡོངས་འཛིན་གཏག་ཐབས།V1.0.31

དཔྱད་བརྗོད་མེད།

གནས་སྐབས་སུ་དཔྱད་བརྗོད་མེད།