བོད་ཡུལ་ནོར་རྫོང་།
སྐུ་ཉིད་ཀྱིས་བོད་ཡུལ་ནོར་རྫོང་འཕྲིན་སྟེགས་ལས་གཉེར་མཁན་ (ནང་དོན་ཞིབ་རྒྱས་མཚན་ཉིད་ཀྱི་དོན་ཚན་དུ་གསལ) དང་ལྷན་དུ། <<བོད་ཡུལ་ནོར་རྫོང་འཕྲིན་སྟེགས་ཞབས་ཞུའི་གྲོས་ཆིངས་>> ལ་མིང་རྟགས་བཀོད་ནས། བོད་ཡུལ་ནོར་རྫོང་འཕྲིན་སྟེགས་བཀོལ་སྤྱོད་གནང་བར་དགའ་བསུ་ཞུ། གྲོས་ཆིངས་འདི་འགྲེམས་སྤེལ་བྱས་པའི་ཉིན་ནས་བཟུང་། བོད་ཡུལ་ནོར་རྫོང་འཕྲིན་སྟེགས་ཀྱི་ཐོག་མཐའ་བར་གསུམ་དུ་ “བོད་ཡུལ་ནོར་རྫོང་འཕྲིན་སྟེགས་ཞབས་ཞུའི་གྲོས་ཆིངས་” ཞེས་པ་ཚང་མ་གྲོས་ཆིངས་འདི་ཉིད་རང་ལ་གོ་བ་ཡིན། ཞབས་ཞུའི་དོན་ཚན་རེ་རེའི་སྔོན་དུ་བཀོད་པའི་བརྡ་ཆད་གཙོ་བོ་ཁག་ནི་ཁྱེད་ཀྱིས་དོན་ཚན་གང་དེའི་ནང་དོན་གསལ་བོར་རྟོགས་ཆེད་དུ་ཡིན་པ་ལས། གྲོས་ཆིངས་འདིའི་དོན་ཚན་ཁག་གི་ནང་དོན་དང་འགྲེལ་བཤད་ལ་ཤུགས་རྐྱེན་དང་ཚད་བཀག་མི་ཐེབས།