དཔེ་ཀློག དཔེ་ཀློག རྒྱུན་མཁོ།
ཚངས་སྲས་བཞད་པའི་སྒྲ་དབྱངས།

《ཚངས་སྲས་བཞད་པའི་སྒྲ་དབྱངས》ལ་སྐབས་བཞི་བའི་བྱང་ཁུལ་གྱི་ཞིང་གྲོང་རང་སྐྱོང་ལྗོངས་བཅོ་ལྔའི་ཁྱད་འཕགས་དཔེ་དེབ་ཀྱི་བྱ་དགའ་དང་། ཀན་སུའུ་ཞིང་ཆེན་སྤྱི་ཚོགས་ཚན་རིག་སྐོར་གྱི་ཁྱད་……

  • རྩོམ་པ་པོ།བསེ་ཚང་བློ་བཟང་དཔལ་ལྡན།
  • དཔར་སྐྲུན་ཁང་།བོད་ཀྱི་གློག་རྡུལ་དཔེ་པར་བསྐྲུན་ཁང་།

སློབ་དཔོན་ཆེན་མོ་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་ནི་༡༩༣༨ལོའི་ཟླ༡པའི་ཚེས༡༥ཉིན་ལ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རོང་བོ་སྡེ་བདུན་དུ་གྲགས་པའི་ཡ་གྱལ་ཐེ་བུ་ཞེས་པའི་ཡུལ་དུ་སྐུ་འཁྲུངས། ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་བོས་སྒྲིབ་བྲལ་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ་བསེ་སྐུ་ཕྲེང་ལྔ་བ་བློ་བཟང་བཀྲ་ཤིས་འཕྲིན་ལས་རྒྱ་མཚོའི་སྤྲུལ་སྐུར་ཐུགས་ཐག་བཅད་ཅིང་། དགུང་ལོ་བཞི་བར་ཀན་ལྷོ་ཁུལ་བསང་ཆུ་རྫོང་གཏེར་ལུང་ཡིད་དགའ་ཆོས་འཛིན་གླིང་གི་གདན་སར་བཀོད། ༡༩༧༩ལོར་ཀན་ལྷོ་ཁུལ་མི་རིགས་སློབ་གྲྭའི་དགེ་རྒན་དུ་གདན་དྲངས།"རིག་གནས་གསར་བརྗེ"ཡི་ཆག་སྒོ་ཆེན་པོའི་ཁྲོད་དྲན་པ་སོས་པའི་མི་རིགས་སློབ་གསོ་ཉམས་པ་སོར་ཆུད་བྱུང་མེད་སྟབས། ཀན་ལྷོ་ཁུལ་མི་རིགས་སློབ་གྲྭས་བསྡུས་པའི་སློབ་མ་རིག་གནས་ཀྱི་ཆུ་ཚད་ཞན་ཅིང་དོ་མཉམ་མིན་པས། བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་ཁྲིད་དེབ་གཉིས་གྲ་སྒྲིག་མཛད་དེ་རིམ་པ་མི་འདྲ་བའི་ཁྲིད་གཞི་སློབ་ཁྲིད་གནང་། མཚན་མོར་ད་དུང་རྗེས་སྣོན་སློབ་མར་གསབ་ཁྲིད་གནང་བ་དང་ལས་བྱའང་སློབ་མའི་སྔོན་ནས་གཟིགས་མཆན་གནང་རྒྱུ་རྒྱུན་འཁྱོངས་མཛད་པས། སློབ་མ་དེ་དག་མཐར་ཕྱིན་པའི་དུས་སུ་ཆུ་ཚད་ངེས་ཅན་ཞིག་ཏུ་བསླེབས་འདུག་ལ། གཞན་ད་དུང་དགེ་སློབ་རྣམས་ལ་སྙན་ངག་གི་སློབ་ཁྲིད་གནང་བ་དང་འབྲེལ་སྙན་འགྲེལ་ཚངས་སྲས་བཞད་སྒྲ་ལྗགས་རྩོམ་གནང་།

འབྲེལ་ཡོད་དཔེ་དེབ།

བསྟོད་སྨོན་ཕྱོགས་བསྒྲིགས།
བསྟོད་སྨོན་ཕྱོགས་བསྒྲིགས།
Tབོད་རྒྱ་ཚིག་མཛོད།
ཀྲུང་གོའི་བོད་རིགས་ཞིབ་འཇུག་གླིང་། 本书可供计算机科学工作者、大专院校师生、翻译人员和出版人员作为参考书和工具书使用, 也是广大电脑用户应备的工具书。
འཇམ་དབྱངས་གང་བློ་མ།
འཇམ་དབྱངས་གང་བློ་མ།
ཉེར་མཁོའི་ཞལ་འདོན།
ཉེར་མཁོའི་ཞལ་འདོན།
བྱང་ཆུབ་ལམ་རིམ་ཆེན་མོ།
རྗེ་བཙུན་ཙོང་ཁ་པས་མཛད་པའི་བྱང་ཆུབ་ལམ་རིམ་གྱི་གཞུང་ཆེ་འབྲིང་ཆུང་གསུམ་སྟེ། འདིར་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། རྣམ་པ་ཐམས་ཅད་མཁྱེན་པའི་སར་བགྲོད་པའི་སྐྱེ་བོ་མཆོག་གི་ཆོས་ལུགས། སྐྱེས་བུ་གསུམ་གྱིས་ཉམས་སུ་བླང་བའི་རིམ་པ་ཐམས་ཅད་མ་ཚང་བ་མེད་པར་བསྡུས་པ། བྱང་ཆུབ་ལམ་གྱི་རིམ་པའི་སྒོ་ནས་སྐལ་བ་ལྡན་པ་སངས་རྒྱས་ཀྱི་སར་འཁྲིད་པའི་ཚུལ་ནི་འདིའི་བཤད་པར་བྱ་བ་ཡིན།
སད་ཀྱིས་བཅོམ་པའི་མེ་ཏོག
སད་ཀྱིས་བཅོམ་པའི་མེ་ཏོག

དཔྱད་བརྗོད་མེད།

གནས་སྐབས་སུ་དཔྱད་བརྗོད་མེད།