འབྲེལ་ཡོད་དྲ་ཚིགས།

ཚ་ལུ་མ་དྲ་བའི་མིང་ཆ་ཚང་ལ་ཚ་ལུ་མ་ཚན་རྩལ་རྒྱུན་ཤེས་དྲ་བ་ཟེར་བ་དང་། འདི་ནི་པེ་ཅིང་དུ་སློབ་གཉེར་བྱེད་ཀྱིན་པའི་སློབ་ཆེན་པ་འགའ་ཡིས་བོད་ཡིག་དེང་རབས་ཅན་དང་ཚན་རྩལ་རྒྱུན་ཤེས་ཁྱབ་བརྡལ་འོངས་ཆེད་དུ་བཟོས་ཤིང་། བོད་བརྙན་དྲ་བའི་ཡན་ལག་ཞིག་ཡིན། དྲ་བ་འདིའི་ནང་དོན་གཙོ་བོ་ནི་དེང་རབས་རང་བྱུང་ཚན་རིག་དང་ལག་རྩལ་ཐད་ཀྱི་རྒྱུན་ཤེས་ཡིན་ལ། དེ་ཚོ་མང་ཆེ་བ་རྒྱལ་ཁབ་ཕྱི་ནང་གི་ཚན་རྩལ་དང་འབྲེལ་བའི་དྲ་བ་ཁག་དང་། ཚན་རིག་རྒྱུན་ཤེས་ཀྱི་དཔེ་དེབ་སོགས་ནས་བསྒྱུར་གྱི་ཡོད་ལ། ཡིག་སྒྱུར་བ་རྣམས་ནི་པེ་ཅིང་གི་སློབ་ཆེན་ཁག་ནས་རང་མོས་ཀྱིས་ཞུགས་པའི་བོད་རིགས་སློབ་ཆེན་པ་དག་ཡིན། འདིར་ཚ་ལུ་མ་ཞེས་མིང་འདོགས་དོན་ནི། གཅིག དེང་དུས་ཀྱི་དྲ་བ་དང་ཇུས་འགོད་རིག་གནས་ཀྱིས་ཤེས་བྱ་རྣམས་མི་ཕལ་པའི་འཚོ་བ་དང་ཐག་ཉེ་བའི་ལམ་ནས་བརྒྱུད་སྤྲོད་བྱེད་པ་དང་། གཉིས། གསོན་ཤུགས་དང་མཛེས་ཆོས་ཉིས་ཆ་ལྡན་པའི་ཅ་དངོས་ཀྱིས་མི་རྣམས་ལ་སྤྲོ་བ་སྐྱེད་ནུས་པས་ན། མཐར་ཚ་ལུ་མ་ཞེས་པའི་མངར་དགོས་པ་ལ་མངར་ཆ་དང་སྐྱུར་དགོས་པ་ལ་སྐྱུར་ཆའང་འདུས་པའི་ཤིང་ཏོག་འདི་མཚོན་བྱེད་དུ་བདམས་པ་ཡིན་ལ། དེ་ནི་སྟེས་དབང་གི་འཆར་སྒོ་ཞིག་ལས་བྱུང་བ་ཡིན་ཞེས་ཀྱང་མི་ཆོག་པ་མེད་དོ༎

ད་ལམ་ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་ཆེན་དམ་པ་ཤེས་རབ་བཟང་པོ་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་དང་བཀའ་གནང་འོག བྱང་ཆུབ་གླིང་བོད་ཡིག་དྲྭ་ཚུགས་དངོས་སུ་ཤར་གཏོང་བྱས་ཏེ་རང་རེའི་དྲྭ་ལམ་ནང་ཆོས་ཀྱི་སྡིངས་ཆ་ལ་ནུས་ཚོད་ཀྱིས་ཞབས་ཕྱི་ཕུལ་བའི་དབུ་བཙུགས་པ་ལགས་ན། ཐག་ཉེ་རིང་ཀུན་ལ་གནས་པའི་རིགས་གཅིག་གི་སྤུན་ཟླ་ཡོངས་དང་། ཁྱད་པར་བླ་མ་དཀོན་མཆོག་གསུམ་པོ་སྐྱབས་སུ་འཛིན་ཅིང་། ལས་འབྲས་བསླུ་བ་མེད་པ་ལ་ཡིད་ཆེས་རྙེད་པའི་སྤུན་ཟླ་ཡོངས་ཀྱིས་དྲྭ་ཚུགས་འདིར་བཀོད་པའི་བརྗོད་བྱ་རིན་ཐང་དང་ལྡན་པ་རྣམས་ལ་ཁོམ་པ་གང་ཡོད་ཀྱི་སྒོ་ནས་ཐོས་བསམ་སྒོམ་གསུམ་རེ་གནང་རྒྱུ་དང་། འདི་ཉིད་འཐུས་སྒོ་ཇེ་ཚང་དུ་འགྲོ་ཕྱིར། ཁྱེད་ཅག་ལ་དམ་པའི་ཆོས་ཀྱི་བྲོ་བ་མ་ཡལ་བའི་ནང་དོན་སྤུས་ལེགས་རེ་ཡོད་ན་འདི་གར་མཁོ་འདོན་གནང་བར་ཞུ་ཞིང་། ཆབས་ཅིག་ཏུ་དྲྭ་ཚུགས་འདིར་ནོར་འཁྲུལ་དང་མི་འགབ་པའི་ཆ་གང་བྱུང་ཐམས་ཅད་ལ་རྣམ་པ་ཚོས་ལྷག་བསམ་དག་པའི་སྒོ་ནས་དགོངས་འཆར་ལྷུག་སྩོལ་གནང་རོགས་ཞེས་སྙིང་ནས་ཞུ་བ་ཕུལ་བ་ལགས་སོ། །