ཚོང་དོན་པུའུ་དང་ཐེང་ཤུན། TikTokབཅས་ཀྱིས་ཨ་རིར་ཨ་ལན་བསློཊ་པ།

ཚོང་དོན་པུའུ་དང་ཐེང་ཤུན། TikTokབཅས་ཀྱིས་ཨ་རིར་ཨ་ལན་བསློཊ་པ།

2020-09-19 16:28:00     责编:卓玛才让

     ཨ་རིའི་དུས་ཚོད་ཀྱི་ཚེས་18ཉིན། ཨ་རིའི་ཚོང་དོན་པུའུ་ཡིས་ཨ་རིའི་མངའ་ཁོངས་སུ་WeChatདང་TikTokགཉིས་དང་འབྲེལ་ཡོད་ཀྱི་ཉོ་ཚོང་གཏན་འགོག་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་། ཚེས་19ཉིན། རང་རྒྱལ་ཚོང་དོན་པུའུ་ཡི་དྲ་ཚིགས་ཐོག་ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པས་གསར་འགོད་པའི་དྲི་བར་ལན་བསྐྱོན་ཞིང་། ཨ་རིས“རྒྱལ་ཁབ་ཀྱི་བདེ་འཇགས”ལ་ཁ་གཡར་ནས། WeChatདང་TikTokཡི་འབྲེལ་ཡོད་ཉོ་ཚོང་གཏན་འགོག་བྱས་པ་དེས། འབྲེལ་ཡོད་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་པ་མ་ཟད། རྒྱུན་ལྡན་གྱི་ཚོང་རའི་སྒྲིག་ལམ་ལའང་དཀྲུགས་ཤིང་བྱས་ཡོད་པས་ཀྲུང་གོས་མཐའ་གཅིག་ཏུ་དེར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

ཚོང་དོན་པུའུ་དང་ཐེང་ཤུན། TikTokབཅས་ཀྱིས་ཨ་རིར་ཨ་ལན་བསློཊ་པ།

ཨ་རིས་དཔང་རྟགས་ཅི་ཡང་མེད་པའི་གནས་ཚུལ་འོག ཐེངས་མང་པོར་རྒྱལ་ཁབ་ཀྱི་སྟོབས་ཤུགས་སྤྱད་དེ། རྒྱུ་མཚན་མེད་ཀྱང་ཡོད་ཁུལ་གྱིས་གོང་བརྗོད་ཀྱི་ཁེ་ལས་གཉིས་ལ“རུབ་རྒྱག”དང་བཙན་གནོན་བྱས་ཏེ་ཁེ་ལས་ཀྱི་གཉེར་སྐྱོང་ལ་དཀྲུགས་ཤིང་ཚབས་ཆེན་བཟོས་པ་མ་ཟད། རྒྱལ་སྤྱིའི་མ་འཇོག་མཁན་གྱིས་ཨ་རིའི་མ་འཇོག་ཚོང་རར་བཅངས་པའི་ཡིད་ཆེས་ལའང་གནོད་འཚེ་བཏང་ཞིང་། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་ལམ་ཡང་གཏོར་བཤིག་བྱས་ཡོད།

ཀྲུང་གོས་ཨ་རི་ལ་བཙན་པོ་དབང་ཡོད་ཀྱི་བྱེད་སྟངས་དེ་དོར་ནས་འཕྲལ་དུ་ནོར་འཁྲུལ་ཡོ་བསྲང་བྱས་ཏེ། དྲང་གཞག་དང་ཕྱི་གསལ་ནང་གསལ་གྱི་སྒོ་ནས་རྒྱལ་སྤྱིའི་སྒྲིག་སྲོལ་དང་སྒྲིག་ལམ་བརྩི་སྲུང་བྱ་དགོས་པའི་སྐུལ་མ་བྱ་རྒྱུ་དང་། གལ་ཏེ་ཨ་རིས་རང་འདོད་དུ་ཁེར་སྒྲུབ་བྱས་ན། ཀྲུང་གོས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཀྲུང་གོའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བརྗོད།

ཚོང་དོན་པུའུ་དང་ཐེང་ཤུན། TikTokབཅས་ཀྱིས་ཨ་རིར་ཨ་ལན་བསློཊ་པ།

TikTokཡིས་མུ་མཐུད་གཏུག་བཤེར་མཐའ་འཁྱོངས་བྱ་རྒྱུ་ཡིན་ཞེས་བཤད་པ།

ཚེས་18ཉིན། TikTokཡིས་ཨ་རིའི་གཏན་འབེབས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་དང་གནས་ཚུལ་དེར་བློ་ཕམ་ཆེན་པོ་བྱུང་བའི་སྐོར་བསྟན་ཡོད། “ཨ་རིའི་སྲིད་གཞུང་གིས་སྲིད་འཛིན་བཀའ་རྒྱ་དེ་ཁྱབ་བསྒྲགས་བྱེད་པར་ལུགས་མཐུན་གྱི་གོ་རིམ་བརྒྱུད་མེད་པས། ཨ་རིའི་དམངས་ཚོགས་དང་ཁེ་ལས་ཆུང་གྲས་ཀྱིས་འབོད་སྐད་དང་འཚོ་གནས་ཀྱི་ལས་སྟེགས་གལ་ཆེན་འཕྲོག་ངེས་བས། TikTokཡིས་མུ་མཐུད་གཏུག་བཤེར་མཐའ་འཁྱོངས་བྱས་ཏེ། མཉེན་ཆས་དེ་སྤྱོད་མཁན་དང་། གསར་གཏོད་མཁན། མཉམ་ལས་ཀྱི་རོགས་ཟླ་དང་ཀུང་སི་བཅས་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

ཐེང་ཤུན་གྱིས་ཨ་རིའི་ཚོང་དོན་པུའུ་ཡི་ཐག་གཅོད་དེར་བློ་ཕམ་སྐྱེས་ཤིང་ངོས་འཛིན་གཅིག་མཐུན་བྱུང་མེད་པའི་སྐོར་བརྗོད་པ། 

ཚེས་19ཉིན། ཐེང་ཤུན་ཀུང་སིས་ཀྱང་ཨ་རིའི་འབྲེལ་ཡོད་གཏན་འབེབས་ལ་ཨ་ལན་བསློགས་ཡོད་པ་སྟེ། ཕྱི་རྒྱལ་གྱི་ས་གནས་ཀུན་གྱི་འཛད་སྤྱོད་པར་ཞབས་འདེགས་ཞུ་བའི་མཉེན་ཆས་ཤིག་ཡིན་པའི་ངོས་ནས། WeChatཡིས་ཐོག་མཐའ་བར་གསུམ་དུ་ས་གནས་དེ་གའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱས་ཤིང་། དེའི་གྲངས་གཞིའི་སྲིད་ཇུས་དང་འགྲོ་ལུགས་ནི་འཛམ་གླིང་ཡོངས་ཀྱི་ཆེས་གཟབ་ནན་གྱི་གསང་བའི་ཚད་གཞི་དང་མཐུན་པའི་སྐོར་བརྗོད་ཡོད།

ཐེང་ཤུན་ཀུང་སིས་ཨ་རིའི་འཛད་སྤྱོད་པའི་གཞི་རྩའི་འཕྲིན་གཏོང་གི་ཁེ་དབང་ལ་ཤུགས་རྐྱེན་མི་ཕོག་པའི་ཆེད་དུ། ང་ཚོས་ཨ་རིའི་སྲིད་གཞུང་དང་གྲོས་མོལ་མཐུན་སྦྱོར་ཐེངས་མང་བྱས་ཏེ་ཐག་གཅོད་ཀྱི་ཇུས་གཞི་འོས་འཚམ་ཞིག་འཚོལ་ཞིབ་བྱས་ཀྱང་། བློ་ཕམ་པ་ཞིག་ལ་ཕྱོགས་གཉིས་ཀྱི་བར་དུ་ཐུན་མོང་གི་ངོས་འཛིན་ཞིག་བྱུང་མ་ཐུབ། ང་ཚོས་མུ་མཐུད་དུ་ཨ་རིའི་སྲིད་གཞུང་དང་འབྲེལ་གཏུག་བྱས་ནས་ཡུན་རིང་གི་ཐག་གཅོད་ཇུས་གཞི་ཞིག་བརྩོན་ལེན་བྱ་ངེས་ཡིན་ཞེས་བཤད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། བྱམས་མཚོ།

པར་དབང་གསལ་བཤད།:xueyugege ལགས་གིས་ 2020-09-20 22:06:13སྟེང་སྤེལ།
བརྒྱུད་འགོད་གསལ་བསྒྲགས།:ཚོང་དོན་པུའུ་དང་ཐེང་ཤུན། TikTokབཅས་ཀྱིས་ཨ་རིར་ཨ་ལན་བསློཊ་པ། | ཀུན་གསལ NAV

དཔྱད་བརྗོད་མེད།

གནས་སྐབས་སུ་དཔྱད་བརྗོད་མེད།