རིམས་འགོག་སྨན་ཁབ་གསར་པའི་སྐོར་གྱི་གཏམ་བཟང་བརྒྱད།

རིམས་འགོག་སྨན་ཁབ་གསར་པའི་སྐོར་གྱི་གཏམ་བཟང་བརྒྱད།

2020-09-19 16:30:00     责编:卓玛才让

     ཟླ་9ཚེས་18ཉིན་གྱི་ཕྱི་དྲོ། ཀྲུང་ཀོན་ཚོན་གླེང་སྟེགས་ཀྱི་མཉམ་གཤིབ་གླེང་སྟེགས་ཀྱི་གོ་ལ་ཧྲིལ་པོའི་ཚན་རིག་དང་ཚེ་སྲོག་བདེ་ཐང་གླེང་སྟེགས་ཐོག རིམས་འགོག་སྨན་ཁབ་ཀྱི་གཏམ་བཟང་གཅིག་རྗེས་གཉིས་མཐུད་དུ་གྲགས་ཡོད།

01

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཚེས་17ཉིན་གྱི་གཞི་གྲངས་ལས་མངོན་པར། འཛམ་གླིང་ཡོངས་སུ་ཏོག་གསར་རིམས་ནད་ཀྱི་འོས་འདེམས་སྨན་ཁབ་182ཡོད་པ་དང་། དེའི་ནང་དུ་36ནད་ཐོག་ཏུ་ཚོད་ལྟ་བྱས་ཡོད་ལ། ད་དུང་146ནད་ཐོག་སྔོན་གྱི་ཞིབ་འཇུག་རིམ་པར་གནས་ཡོད།

མིག་སྔར་རང་རྒྱལ་གྱི་རིམས་འགོག་སྨན་ཁབ་གསར་པ་ཞིབ་འཇུག་གསར་སྤེལ་གྱི་གྲངས་འབོར་དང་ཞིབ་འཇུག་གསར་སྤེལ་གྱི་འཕེལ་རིམ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད་ཅིང་། ཟླ་9ཚེས་9ཉིན་བར་རིམས་འགོག་སྨན་ཁབ་གསར་པ་25ནད་ཐོག་གམ་ཡང་ན་ནད་ཐོག་སྔོན་གྱི་དུས་མཚམས་སུ་སླེབས་ཡོད།

02

ནད་ཐོག་སྨན་བཅོས་དུས་མཚམས་སུ་སླེབས་པའི་རིམས་འགོག་སྨན་ཁབ་ཁྲོད་རང་རྒྱལ་དུ་11ཡོད་པ་དེས་གོ་ལ་ཧྲིལ་པོའི་31%ཟིན་པ་དང་། ནད་ཐོག་སྨན་བཅོས་ཀྱི་དུས་ཐེངས་གསུམ་པའི་རིམས་འགོག་སྨན་ཁབ་ནང་རང་རྒྱལ་དུ་4ཡོད་པ་དེས་གོ་ལ་ཧྲིལ་པོའི་དུས་ཐེངས་གསུམ་པའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་བསྡོམས་འབོར་གྱི་44%ཟིན་ཡོད།

ཐེངས་IIIཔའི་ནད་ཐོག་གི་ཚོད་ལྟ་ནི་རིམས་འགོག་སྨན་ཁབ་ལ་ཚོང་རར་ཞུགས་ཆོག་མིན་གཏན་འཁེལ་བྱེད་པའི་འགག་རྩའི་ཞིབ་འཇུག་ཅིག་ཡིན་ཞིང་། རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་རང་བཞིན་དང་ནུས་ལྡན་རང་བཞིན་དངོས་སུ་ར་སྤྲོད་བྱེད་པར་མི་སྟོང་ཕྲག་ཁ་ཤས་ནས་ཁྲི་ལྷག་ཙམ་གྱི་ཚད་གཞི་དགོས། ཤེས་རྟོགས་བྱུང་བར་གཞིགས་ན། འགོ་ཚུགས་ཟིན་པའི་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་ཀྱི་དུས་ཐེངས་IIIཔའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་སྔོན་དཔག་ལྟར་ན་ཆེས་མགྱོགས་ན་ཟླ་11པའི་གོང་གཞི་གྲངས་རགས་ཙམ་ཐོབ་རྒྱུ་ཡིན་པ་རེད།

03

རང་རྒྱལ་གྱི་་ཏོག་གསར་རིམས་འགོག་སྨན་ཁབ་གསར་པ་མང་པོ་ཞིག་གི་ནད་ཐོག་ཞིབ་འཇུག་གི་ཐོག་མའི་འབྲས་བུ་《ལྕང་ལོའི་གྲི་》སོགས་དུས་དེབ་ཐོག་སྤེལ་ཡོད་པ་དང་། རིམས་འགོག་སྨན་ཁབ་ལ་བདེ་འཇགས་རང་བཞིན་ལེགས་པོ་མངོན་ཡོད།

ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་སྲོག་ཆགས་ཀྱི་ཚོད་ལྟའི་འབྲས་བུ་གསར་པ་མང་པོ་ཞིག《ཕྲ་ཕུང》དང་། 《ཚན་རིག》《རང་བྱུང》སོགས་དུས་དེབ་ཐོག་བཏོན་ཡོད་ལ། རིམས་འགོག་སྨན་ཁབ་ལ་བདེ་འཇགས་རང་བཞིན་དང་ནུས་ལྡན་རང་བཞིན་བཟང་པོ་ལྡན་པ་མངོན་ཡོད།

04

མིག་སྔར་ལག་རྩལ་ལམ་ཐིག་5ཡོད་པ་དང་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་10ནད་ཐོག་ཚོད་ལྟ་བྱེད་པར་ཆོག་མཆན་ཐོབ་ཡོད་པ་རེད།

སྨན་ཁབ་གཞི་ཁྱོན་ཆེན་པོར་རྒྱག་པའི་“མཐའ་ཐིག་”ལས་སྔོན་ལ་བརྒལ་བའི་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་ཁག་4སོ་སོར་གཤམ་གསལ་ལྟར་ཡིན།

ཀྲུང་གོའི་སྐྱེ་དངོས་ལག་རྩལ་མ་རྐང་ཚད་ཡོད་ཀུང་སིས་ཞིབ་འཇུག་གསར་སྤེལ་བྱས་པའི་ཏོག་གསར་ནད་དུག་གསོན་འཇོམས་རིམས་འགོག་སྨན་ཁབ་རིགས་གཉིས་ནི། མིག་སྔར་དབུས་ཤར་དང་ལྷོ་ཨ་མེ་རི་ཁ་གླིང་གི་རྒྱལ་ཁབ་མང་པོར་དུས་ཐེངས་གསུམ་པའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱ་རྒྱུའི་ཆོག་མཆན་ཐོབ་ཡོད་པ་དང་། མི་ཁྲི་4ལྷག་ལ་ཁེབས་ཡོད། གཞན་ཡང་མི་ཁྲི་35ཡི་ཁྲོད་ཛ་དྲག་ངང་སྤྱད་པས་རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་རང་བཞིན་དང་ནུས་ལྡན་རང་བཞིན་ཡག་པོ་ཡོད་པ་དང་། རིམས་འགོག་སྨན་ཁབ་ལོ་མཇུག་གི་སྔོན་ལ་ཚོང་རར་འདོན་ཐུབ་རེ་འདུག

པེ་ཅིང་ཁོའོ་ཤིན་ཀྲུང་ཝུའེ་སྐྱེ་དངོས་ལག་རྩལ་ཚད་ཡོད་ཀུང་སིས་ཞིབ་འཇུག་གསར་སྤེལ་བྱས་པའི་ཏོག་གསར་ནད་དུག་གསོན་འཇོམས་རིམས་འགོག་སྨན་ལྷོ་ཨ་མེ་རི་ཁ་གླིང་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་གཅིག་གིས་དུས་ཐེངས་IIIཡི་ནད་ཐོག་སྨན་བཅོས་ཚོད་ལྟ་བྱེད་བཞིན་ཡོད་པ་རེད།

དམག་དོན་ཚན་རིག་ཁང་དམག་དོན་གསོ་རིག་ཞིབ་འཇུག་ཁང་གི་ཁྲེན་ཝུའེ་ཚོགས་པས་ཞིབ་འཇུག་གསར་སྤེལ་བྱས་པའི་གཤེར་རྨེན་ནད་དུག་གི་གཞི་རྟེན་གསར་པ་བསྐྱར་སྒྲིག་གི་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་ཀྱང་རྒྱལ་སྤྱིའི་དུས་ཐེངས་IIIཔའི་ནད་ཐོག་སྨན་བཅོས་ཚོད་ལྟར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

05

ཀྲུང་གོའི་སྨན་རྫས་ཚོགས་པའི་ཀྲུང་གོའི་སྐྱེ་དངོས་ཀྱིས་ཏོག་གསར་གསོན་འཇོམས་འགོག་སྨན་གསར་པའི་ཐོན་སྐྱེད་འཁོར་ཁང་གཉིས་བཙུགས་ཡོད་པ་དང་། དོན་དངོས་ཀྱི་ཐོན་སྐྱེད་ནུས་པ་སྔོན་དཔག་བྱས་ན་སྨན་རྫས་དུང་ཕྱུར་3ཙམ་ཟིན་རྒྱུ་རེད། མིག་སྔར། ཀྲུང་གོའི་སྨན་རྫས་ཚོགས་པའི་ཀྲུང་གོའི་སྐྱེ་དངོས་ཀྱིས་ཏོག་གསར་གསོན་འཇོམས་རིམས་འགོག་སྨན་ཁབ་གསར་པའི་ཐོན་ནུས་རྒྱ་བསྐྱེད་དེ་ལོ་རེར་དུང་ཕྱུར་6ནས་དུང་ཕྱུར་8བར་ཐོན་ཐུབ་པའི་བརྩོན་ལེན་བྱེད་བཞིན་ཡོད།

06

འབྱུང་ཁུངས་མི་འདྲ་བའི་དུག་སྡོང་ལ་སྣོལ་སྡེབ་ཚོད་ལྟ་བྱེད་པ་དང་། ཚོད་ལྟ་དང་ལེན་བྱེད་མཁན་ལ་ཏོག་གསར་ནད་དུག་གསོན་འཇོམས་རིམས་འགོག་སྨན་ཁབ་བརྒྱབ་པ་བརྒྱུད། དེའི་དྭངས་ཁྲག་དེ་རྒྱལ་སྤྱི་དང་རྒྱལ་ནང་གི་སྡོང་རྐང་མང་བོའི་རིམས་ནད་དུག་སྡོང་དང་སྣོལ་སྡེབ་དང་སྲུང་སྐྱོབ་བྱེད་ཐུབ། དེས་རིམས་འགོག་སྨན་ཁབ་དེས་གོ་ལ་ཧྲིལ་པོའི་ས་ཁུལ་མང་པོའི་ནད་དུག་འགོ་བར་སྲུང་སྐྱོང་གི་ནུས་པ་ཐོན་གྱི་ཡོད་པ་མཚོན།

07

ཡོན་ཧྲི་ཁྲེན་ཝུའེ་ཡིས་གླེང་སྟེགས་ཐོག་ངོ་སྤྲོད་བྱས་དོན། མིག་སྔར་ཏོག་གསར་ནད་དུག་ཐོལ་འགྱུར་ཚེག་གནས་ནི་D614Gཡིན་ལ། Bཕྲ་ཕུང་གདོད་འགོག་ཁུལ་དུ་གནས་ཡོད། འབྱུང་ཁུངས་གཅིག་པའི་དཔེ་དབྱིབས་འཛུགས་སྐྲུན་གཞིར་བཟུང་ན་ཐོལ་འགྱུར་དེས་ས་ཁོངས་དེའི་གྲུབ་ཚུལ་ལ་ཤུགས་རྐྱེན་ཆུང་བ་རེད། དེ་མིན། D614Gདང་ལེན་གཟུགས་འདྲེས་མའི་ས་ཁོངས་(RBD)ཀྱི་བར་ཐག་ལྟོས་བཅས་ཀྱིས་ཅུང་རིང་བས། གདོད་འགོག་རང་བཞིན་གྱི་ཤུགས་རྐྱེན་ལ་ཚད་ཡོད།

ཁོང་གིས་ཐོལ་འགྱུར་འདིས་རིམས་འགོག་སྨན་ཁབ་ལ་ཐེབས་པའི་ཤུགས་རྐྱེན་ཧ་ཅང་ཆུང་ཞེས་བསྡོམས་ཚིག་བཀོད་ཡོད།

08

མཇུག་སྒྲིལ་ཟིན་པའི་དུས་ཐེངས་དང་པོ་དང་གཉིས་པའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱས་འབྲས་ལ་གཞིགས། ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་གསར་པ་མང་པོ་ཞིག་ལ་བདེ་འཇགས་རང་བཞིན་བཟང་པོ་མངོན་ཡོད་ལ་འགོག་གཟུགས་ཀྱི་ནུས་ལྡན་རང་བཞིན་ཡང་མངོན་ཡོད། དུག་སྲིན་འགོག་རྫས་འདི་དག་དུས་ཡུན་ག་ཚོད་ལ་རྒྱུན་མཐུད་ཐུབ་བམ་ཞེ་ན། ལན་ད་དུང་ཐེངས་IIIཡི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟས་ར་སྤྲོད་བྱ་དགོས།

ཉེ་ཆར་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་སྨན་རྫས་ཞིབ་བཤེར་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི《ཏོག་དབྱིབས་ནད་དུག་གསར་པ་སྔོན་འགོག་ཐད་སྤྱོད་པའི་རིམས་འགོག་སྨན་ཁབ་ནད་ཐོག་སྨན་བཅོས་ཀྱི་གདེང་འཇོག་མཛུབ་ཁྲིད་རྩ་དོན(ཚོད་ལྟའི་ལག་བསྟར)》གྱི་ཡིག་ཆ་གཞིར་བཟུང་། ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་ཀྱི་ཕན་ནུས་རང་བཞིན་ལ་ཆེད་དུ་བསྟན་དོན། རབ་ཡིན་ན་རིམས་འགོག་སྨན་ཁབ་ཀྱིས་ལོ་གཅིག་དང་དེའི་ཡན་གྱི་སྲུང་སྐྱོབ་འདོན་སྤྲོད་བྱེད་ཐུབ་དགོས་ལ། མ་མཐར་ཡང་ཟླ་བ་དྲུག་གི་སྲུང་སྐྱོབ་འདོན་སྤྲོད་བྱེད་ཐུབ་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས

པར་དབང་གསལ་བཤད།:xueyugege ལགས་གིས་ 2020-09-20 22:08:42སྟེང་སྤེལ།
བརྒྱུད་འགོད་གསལ་བསྒྲགས།:རིམས་འགོག་སྨན་ཁབ་གསར་པའི་སྐོར་གྱི་གཏམ་བཟང་བརྒྱད། | ཀུན་གསལ NAV

དཔྱད་བརྗོད་མེད།

གནས་སྐབས་སུ་དཔྱད་བརྗོད་མེད།