གཉིས་ཁེའི་ལམ་བུ་མཉམ་དུ་གཏོད། མཛེས་སྡུག་འབྱུང་འགྱུར་མཉམ་དུ་བསུ། —— “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྐོར་བཀོད་པ།

གཉིས་ཁེའི་ལམ་བུ་མཉམ་དུ་གཏོད། མཛེས་སྡུག་འབྱུང་འགྱུར་མཉམ་དུ་བསུ།

—— “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྐོར་བཀོད་པ།

ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲའོ་ཡན།    |    སྤེལ་དུས།   2020-09-20

དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ཉམས་དམས་སུ་སོང་བ་དང་ཏོག་གསར་གློ་ཚད་རིམས་ནད་ལས་མིའི་རིགས་ཀྱི་སྤྱི་ཚོགས་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་དེང་སྐབས། “རྒྱུད་གཅིག་ལམ་གཅིག”གིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་དང་ས་ཁུལ་གྱི་དཔལ་འབྱོར་འཁོར་རྒྱུག་བདེ་བླག་ཡོང་རྒྱུར་སྐུལ་འདེད་གཏོང་བར། ལས་སྟེགས་དང་ཐབས་ལམ་གལ་ཆེན་མཁོ་འདོན་གྱིས་སྒུལ་ཤུགས་གལ་ཆེན་བསྣན་ཡོད། ལོ་མང་འཛུགས་སྐྲུན་བྱས་པ་བརྒྱུད། “རྒྱུད་གཅིག་ལམ་གཅིག”དེ་བསམ་ཚོད་ནས་གོམ་སྟབས་རེ་རེ་བཞིན་དངོས་ཡོད་དུ་འགྱུར་ཏེ། འཛམ་གླིང་ལ་རྒྱལ་སྤྱིའི་མཉམ་ལས་ཀྱི་དཔེ་རྣམ་གསར་པ་མཁོ་འདོན་བྱས་པ་མ་ཟད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཞུགས་མཁན་རྒྱལ་ཁབ་ཁག་གི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་རྩ་བཏོད་ཡོད།

དེང་སྐབས། “རྒྱུད་གཅིག་ལམ་གཅིག”གིས་ཚབ་མཚོན་དུ་བྱས་པའི་ཀྲུང་གོའི་ཇུས་གཞིའི་དོན་སྙིང་གལ་ཆེན་སྔར་བས་འབུར་དུ་ཐོན་ནས། ཀྲུང་གོའི་འདུ་ཤེས་འཛམ་གླིང་ཡོངས་སུ་དེ་བས་ཁྱབ་ཆེ་རུ་འགྲོ་བཞིན་ཡོད།

མཉམ་སྦྲེལ་མཉམ་མཐུད་ཀྱིས་སྒོ་དབྱེ་བསྟུན་མཁས་བྱེད། 

མིག་སྔར་ཀྲུང་གོས་རྒྱལ་ཁབ་138དང་རྒྱལ་སྤྱིའི་རྩ་འཛུགས་30དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆ་200ལ་མིང་རྟགས་བཀོད་དེ། མཉམ་ལས་རྣམ་གྲངས་2000ལྷག་ཙམ་སྤེལ་འགོ་བཙུགས་པ་དང་། ཀྲུང་གོ་དང་ལམ་རྒྱུད་རྒྱལ་ཁབ་དབར་དངོས་ཟོག་ཚོང་དོན་སྤེལ་ཚད་རིམ་རྩིས་བྱས་ན་ཨ་སྒོར་དུང་ཕྱུར་ཁྲི་7.8ཟིན་པ། ལམ་རྒྱུད་རྒྱལ་ཁབ་ལ་ཐད་ཀར་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་1100ལྷག་ཙམ་ཟིན་ཡོད།

མོང་ནེ་ལྕགས་ལམ་ནས་ཡ་ཝེན་མྱུར་བགྲོད་ལྕགས་ལམ་བར་དང་། ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ནས་ཀྲུང་གོ་དང་། མོང་གོལ་རྒྱལ་ཁབ། ཨུ་རུ་སུ་བཅས་རྒྱལ་ཁབ་གསུམ་གྱི་དཔལ་འབྱོར་བར་ཁྱམས། ཀེ་རི་སེའི་པེ་ལེ་ཨའེ་ཧྥུའུ་སི་གྲུ་ཁ་ནས་སི་རི་ལན་ཁའི་ཁོ་ལོན་པོ་གྲུ་ཁའི་གྲོང་བར། ཀྲུང་ཨུའི་མ་བཅོས་རྡོ་སྣུམ་མདོང་ལམ་དང་དེའི་ལམ་ཉིས་གཤིབ་མ་སྤྱོད་འགོ་ཚུགས་པ་ནས་ཡེ་མཱར་གཤེར་འགྱུར་རང་བྱུང་སོལ་རླངས་བྱང་སྣེའི་འཁོར་རྒྱ་ནས་བརྒྱུད་པའི་བར་ལ་སོགས། “རྒྱུད་གཅིག་ལམ་གཅིག”གི་མངའ་ཁོངས་རྒྱ་ཆེ་རུ་ཟམ་མི་ཆད་པར་ཕྱིན་ཏེ། “བར་ཁྱམས་དྲུག་དང་། ལམ་བུ་དྲུག རྒྱལ་ཁབ་མང་པོ། གྲུ་ཁ་མང་པོ”བཅས་ཀྱི་གཞི་རྩའི་རྣམ་པ་ཆགས་ཡོད། དེ་སྔ་རྔ་མོང་གི་དྲིལ་བུའི་སྒྲ་ལྷང་ལྷང་དུ་གྲགས་པའི་དར་གོས་མནའ་ལམ་ཐོག ད་ཆ་ཚོང་དོན་སྤེལ་རྒྱ་ཆེ་རུ་འགྲོ་བ་དང་། མ་དངུལ་གཏོང་རེས་སྟབས་བདེ་རུ་འགྲོ་བ། ཐོན་ནུས་མཉམ་ལས་ཟབ་ཏུ་ཟམ་མི་ཆད་པ་འགྲོ་བཞིན་ཡོད།

སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། མཉམ་ལས་གཉིས་ཁེ་ཡོང་བ་བྱེད།

“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ཚུན། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཞིན་འཕེལ་རྒྱས་བྱུང་ནས་བརྟན་པོའི་ངང་ཐག་རིང་དུ་བསྐྱོད་ཐུབ་པའི་སྒུལ་ཤུགས་དེ་གང་ནས་བྱུང་བ་ཡིན་ནམ།

—— སྒུལ་ཤུགས་དེ“རྒྱུད་གཅིག་ལམ་གཅིག” མཉམ་སྐྲུན་ནང་ཞུགས་མཁན་རྒྱལ་ཁབ་ཁག་གི་དམངས་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་ཞིག་སྐྱེལ་རྒྱུ་ཡོང་བའི་རེ་འདུན་ཆེན་པོ་བཅངས་པ་ལས་བྱུང་ཡོད།

འཛམ་གླིང་དངུལ་ཁང་གི་ཞིབ་འཇུག་སྙན་ཞུ་ལྟར་ན། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཤིན་ཏུ་དབུལ་བའི་མི་ཁྲི་760ལྷག་ཙམ་དབུལ་སྒྲོལ་ཐུབ་རྒྱུ་དང་དབུལ་པོ་མི་ཁྲི་3200དབུལ་སྒྲོལ་ཐུབ་རྒྱུ་རེད།

ཨུ་ཟ་བྷེ་ཁེ་སི་ཐན་གྱི་ཐ་ཧྲི་ཀན་རྒྱལ་བཙུགས་ཤར་ཕྱོགས་སློབ་གླིང་གི་ཀྲུང་གོའི་དཔལ་འབྱོར་དང་ཆབ་སྲིད་རིག་པའི་ཚན་ཁག་གི་ཀྲུའུ་རེན་ཨེན་ལི·ཧྲ་ལ་པོ་ཕུའུ་ཡིས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱི་རྒྱལ་ཁབ་ཁེ་ཕན་མཉམ་འདྲེས་དང་མཉམ་ལས་གཉིས་ཁེའི་རྣམ་པ་གསར་པ་ཞིག་སྔར་བས་ཆགས་པ་དང་འབྲེལ་རྒྱ་བསྐྱེད་ཀྱང་བྱུང་བ་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལག་ལེན་བསྟར་བ་ལས་བྱུང་བ་ཞིག་རེད་ཅེས་བརྗོད།

—— སྒུལ་ཤུགས་དེ“རྒྱུད་གཅིག་ལམ་གཅིག” མཉམ་སྐྲུན་ནང་ཞུགས་མཁན་རྒྱལ་ཁབ་ཁག་གིས་མཉམ་ལས་བྱས་ནས་འགྲན་སློང་ལ་ཁ་གཏད་གཅོག་རྒྱུའི་ཁ་ཚ་དགོས་གཏུགས་ཀྱི་འདུན་པ་ལས་བྱུང་ཡོད།

འདི་ལོའི་ལོ་འགོའི་ཚུན་ས་ཁོངས་མང་པོ་ཞིག་ཏུ་ཏོག་གསར་གློ་ཚད་རིམས་ནད་ཀྱིས་རྐྱེན་པས་ཁྱབ་ཁོངས་ཆེན་པོར་མེ་འཁོར་གཏོང་མཚམས་བཞག་པའི་གནས་ཚུལ་འོག ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་བྱས་རྗེས་མངོན་གསལ་དོད་པོ་བཞག་ཡོད། ཀྲུང་ཡོའི་དུས་གཏན་མེ་འཁོར་དེ་མིང་དོན་མཚུངས་པའི་རྒྱལ་སྤྱིའི་ཟོག་འགྲེམས“སྲོག་རྩ”ལྟ་བུར་གྱུར་ལ“སྐྱོན་བྲན་གྱི་དར་གོས་ལམ་བུ”ཡི་མ་ལམ་ཞིག་ཏུ་དེ་བས་ཀྱང་གྱུར་ཡོད། ཀྲུང་ཡོའི་དུས་གཏན་མེ་འཁོར་དང་དུས་གཅིག་ཏུ་འཕེལ་རྒྱས་བྱུང་བའི་གྲས་སུ་ད་དུང“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་འཛུགས་སྐྲུན་རྣམ་གྲངས་ཀྱང་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐེན་ཏེ་སའེ་ཡིས“སྐྱོན་བྲན་གྱི་དར་གོས་ལམ་བུ”དེ་རོགས་ཟླའི་དབར་གྱི་འབྲེལ་བར་ཤུགས་སྣོན་བརྒྱབ་སྟེ། ཏོག་གསར་གློ་ཚད་རིམས་ནད་བཀག་འགོག་བྱ་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ། མི་རྣམས་ལ་རོགས་རམ་གྱིས་འཕྲལ་མཁོའི་འཕྲོད་བསྟེན་ཞབས་ཞུ་ཐོབ་པར་བྱ་རྒྱུ། དེ་བཞིན་རིམས་ནད་ཀྱི་གནོན་ཤུགས་ཐེག་པར་བྱེད་བཞིན་པའི་འཕྲོད་བསྟེན་མ་ལག་སྲ་བརྟན་དུ་གཏོང་རྒྱུ་བཅས་ལ་ཕན་པ་ཡོད་ཅེས་བརྗོད།

—— སྒུལ་ཤུགས་དེ“རྒྱུད་གཅིག་ལམ་གཅིག” མཉམ་སྐྲུན་ནང་ཞུགས་མཁན་རྒྱལ་ཁབ་ཁག་གིས་ལྗང་མདོག་དང་གསར་གཏོད་རྣམ་པའི་འཕེལ་རྒྱས་ཡོང་བ་བྱ་རྒྱུའི་འབད་བརྩོན་ལྷོད་མེད་ལས་བྱུང་ཡོད།

“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་རིང་ཀྲུང་གོའི་འཛུགས་སྐྲུན་པས་རྒྱུན་འཁྱོངས་བྱས་པའི་ལྗང་མདོག་སྣོད་བཅུད་ཀྱི་འདུ་ཤེས་ལ་ས་གནས་དེ་གའི་མཉམ་ལས་རོགས་ཟླའི་མོས་སེམས་དང་རྒྱབ་སྐྱོར་ཐོབ་པ་མ་ཟད། “ལྗང་མདོག་གི་དར་གོས་ལམ་བུ”འཛུགས་སྐྲུན་བྱ་རྒྱུ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་དེ་བས་ཀྱང་གྱུར་རྒྱུ་རེད།

འབྱུང་འགྱུར་ལ་ཕྱོགས་ཏེ། བདེ་སྡུག་མཉམ་མྱོང་བྱེད།

འཛམ་གླིང་ལ་མཁོ་འདོན་བྱས་པའི་སྤྱི་པའི་ཐོན་རྫས་གལ་ཆེན་ཞིག་ཡིན་པའི“རྒྱུད་གཅིག་ལམ་གཅིག”དེས་མིའི་རིགས་ཀྱི་ཕུགས་ལ་དམིགས་ཏེ། ཐུན་མོང་དུ་འཕེལ་རྒྱས་གཏོང་བ་བརྒྱུད་ཞན་ཆ་གསབ་པ་དང་དོ་སྙོམས་ཡོང་བ་བྱེད་པ་དང་ཆབས་ཅིག གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་ནས་མིའི་རིགས་ལ་འཕྲད་པའི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་རྒྱུའི་འདུན་པ་འཆང་བ་མ་ཟད། ད་དུང་ཁེ་ཕན་མཉམ་སྐྱེད་དང་། འགན་འཁྲི་མཉམ་འཁུར། འཕེལ་རྒྱས་མཉམ་ཐོབ་བཅས་ཀྱི་རྣམ་པའི་ཁྲོད་དུ་འཛམ་གླིང་ཞི་བདེ་དང་། གོང་འཕེལ། དར་རྒྱས་བཅས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བརྩོན་ལེན་བྱེད་རྒྱུའི་རེ་འདུན་ཡང་འཆང་གི་ཡོད།

ཨ་རིའི《ཧྥུའུ་པུའུ་སི》དུས་དེབ་ཐོག “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་རྒྱལ་ཁབ་མི་འདྲ་བའི་དབར་ཡུན་རིང་གི་འབྲེལ་བ་ཞིག་ཆགས་རྒྱུ་རེད། གཅོད་པར་དཀའ་བའི་འབྲེལ་བ་དེ་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་གོ་དོན་ལྡན་ས་ཡིན་ཞེས་བཀོད་ཡོད།

ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མཆེད་ནས་མིའི་རིགས་ལ་དཀའ་སྡུག་ཚད་མེད་འཕྲད་པའི་དུས་འདིར། ཀྲུང་གོས་གཟབ་ཅིང་ནན་པའི་སྒོ་ནས་ཁས་ལེན་བྱས་པ་མི་རྣམས་ཀྱིས་ཐོས་པ་སྟེ། ང་ཚོས་མཉམ་ལས་རོགས་ཟླ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”འདི་ཉིད་མཐུན་སྒྲིལ་གྱིས་འགྲན་སློང་ལ་ཁ་གཏད་གཅོག་པའི་མཉམ་ལས་ཀྱི་ལམ་བུ་དང་། མི་དམངས་ཀྱི་བདེ་ཐང་དང་བདེ་འཇགས་སྲུང་སྐྱོང་བྱེད་པའི་བདེ་ཐང་གི་ལམ་བུ། དཔལ་འབྱོར་དང་སྤྱི་ཚོགས་སླར་གསོར་སྐུལ་འདེད་གཏོང་བའི་སླར་གསོའི་ལམ་བུ། འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་འདོན་པའི་འཕར་སྣོན་གྱི་ལམ་བུ་བཅས་སུ་འགྱུར་བ་བྱ་འདོད་ཡོད་ལ། “རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐྲུན་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ལག་གདང་སྦྲེལ་ནས་སྐུལ་འདེད་ཀྱང་གཏོང་འདོད་ཡོད་ཅེས་པ་དེ་རེད།

“རྒྱུད་གཅིག་ལམ་གཅིག”གིས་དུས་རབས་ཀྱི་རླབས་རྒྱུན་དང་འགྲོགས་ནས་རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར། རྫོགས་མཐའ་མེད་པའི་སྒུལ་ཤུགས་མུ་མཐུད་སྣོན་རྒྱུ་རེད།

དཔྱད་བརྗོད་མེད།

གནས་སྐབས་སུ་དཔྱད་བརྗོད་མེད།