རིམས་ནད་ཀྱི་མདུན་དུ་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་ནུས་པ་གལ་ཆེན་བཏོན་པ།
-
རིམས་ནད་ཀྱི་མདུན་དུ་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་ནུས་པ་གལ་ཆེན་བཏོན་པ།
-
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། | རྩོམ་པ་པོ། | སྤེལ་དུས། 2020-09-20
འདི་ནི་ཟླ་4ཚེས་26ཉིན་ཧྲན་ཏུང་ཅི་ནན་ནས་པར་བླངས་པའི་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སིར་སྐྱོད་མཁན་རིམས་འགོག་དངོས་ཟོག་བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཡིན་པ།
འདི་ནི་ཟླ་6ཚེས་23ཉིན་རིམས་འགོག་དངོས་ཟོག་བྱུར་བུར་བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཧྥ་རན་སེའི་རྒྱལ་ས་ཕ་རི་སིའི་ཤར་ལྷོའི་གྲོང་འདབས་ཀྱི་ཝ་ལང་ཐུང་དུ་འབྱོར་བ་དང་། ད་ཐེངས་ཀྱི་དུས་གཏན་མེ་འཁོར་ནི་ཀྲུང་གོ་དང་ཧྥ་རན་སེའི་རིམས་འགོག་དངོས་ཟོག་བླུགས་པའི་ཆེད་གཏོང་མེ་འཁོར་དང་པོ་དེ་ཡིན་པ།
ཟླ་8ཚེས་20ཉིན་ཨོ་སི་ཁྲུ་རི་ཡའི་ཝེ་ཡེ་ན་ནས་ཤིས་ཨན་བར་གྱི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐོག་མ་དེ་ཝེ་ཡེ་ནའི་ལྕགས་ལམ་ལྷོ་ཚུགས་ནས་ཀྲུང་གོར་གཏོང་འགོ་ཚུགས་པ་རེད། ད་ཐེངས་ཀྱི་ཟོག་འདྲེན་མེ་འཁོར་དེར་དོས་སྒམ་41བླུགས་ཡོད་པ་དང་། དབོར་འདྲེན་དངོས་ཟོག་ཚང་མ་ཨོ་སི་ཁྲུ་རི་ཡས་བཟོས་པའི་རྫས་འགྱུར་ཚི་སྣའི་ཐོན་རྫས་ཡིན་པ་རེད།
འདི་ནི་ཟླ་4ཚེས་4ཉིན་ལི་ཐུ་ཝན་གྱི་རྒྱལ་ས་ཝིར་ནིའུ་སིར། ཀྲུང་ཡོའི་དུས་གཏན་མེ་འཁོར(ཁྲུང་ཆིང་དང་། ཤིན་ཅང་། ཡོ་རོབ)“ཀྲུང་གོའི་སྦྲག་སྲིད་རྟགས་ཅན”ནས་དངོས་ཟོག་འབེབས་བཞིན་པ།
ཟླ་4ཚེས་14ཉིན་འཇར་མན་ཏུའུ་དབྱི་སི་པའོ་གྲོང་ཁྱེར་དུ་ཀྲུང་ཕྱིའི་སྐུ་མགྲོན་གྱིས་ཀྲུང་ཡོའི་དུས་གཏན་མེ་འཁོར་བསུ་བའི་མཛད་སྒོར་ཞུགས་པ་དང་། ཝུའུ་ཧན་ནས་ཐོན་པའི་ཀྲུང་ཡོ་དུས་གཏན་མེ་འཁོར(ཝུའུ་ཧན)མེ་འཁོར་ཐེངས་གྲངས་X8015ཚེས་14ཉིན་འཇར་མན་གྱི་གྲོང་ཁྱེར་ཏུའུ་དབྱི་སི་པའོ་བབས་ཚུགས་ཀྱི་ཟོག་འདྲེན་ས་ཚིགས་སུ་འབྱོར་པ་རེད། འདི་ནི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ལག་བསྟར་བྱས་ཚུན། ཝུའུ་ཧན་ནས་ཐོན་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་དང་པོ་དེ་ཡིན་པ་དང་། དེ་ཐོག་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར(ཝུའུ་ཧན)གྱི་རྒྱུན་རྣམ་ཅན་གྱི་སྐྱེལ་འདྲེན་གཉེར་སྐྱོང་སླར་གསོ་ཐུབ་པ་མཚོན་ཡོད།
འདི་ལོའི་ལོ་འགོའི་ཚུན། ས་ཁོངས་མང་པོ་ཞིག་ལ་ཏོག་གསར་གློ་ཚད་རིམས་ནད་ཀྱིས་རྐྱེན་པས་ཁྱབ་ཁོངས་ཆེན་པོར་མེ་འཁོར་གཏོང་མཚམས་བཞག་པའི་གནས་ཚུལ་འོག ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་བྱས་རྗེས་མངོན་གསལ་དོད་པོ་བཞག་ཡོད། གྲངས་གཞི་གསར་ཤོས་ལས་མངོན་གསལ། འདི་ལོའི་ཟླ་8པར། རིམ་རྩིས་ལྟར་ན་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་1247བཏང་བ་དང་། དངོས་ཟོག་ཚད་ལྡན་དོས་སྒམ་ཁྲི་11སྐྱེལ་འདྲེན་བྱས་པ་དེ། དུས་མཚུངས་ལས་62%དང་66%སོ་སོར་འཕར་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་བརྟན་དུ་གཏོང་བ་སོགས་ཀྱི་ཐད་མུ་མཐུད་ནུས་པ་འདོན་སྤེལ་བྱས་ཡོད། ཀྲུང་ཡོའི་དུས་གཏན་མེ་འཁོར་དེ་རིམས་ནད་རྗེས་ཀྱི་ཀྲུང་ཡོའི་དཔལ་འབྱོར་དང་ཚོང་དོན་སྤེལ་རེས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་པའི་བསྡུས་རིས་ཤིག་རེད།
པར་དབང་གསལ་བཤད།:xueyugege ལགས་གིས་ 2020-09-20 21:44:30སྟེང་སྤེལ།
བརྒྱུད་འགོད་གསལ་བསྒྲགས།:རིམས་ནད་ཀྱི་མདུན་དུ་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་ནུས་པ་གལ་ཆེན་བཏོན་པ། | ཀུན་གསལ NAV
བརྒྱུད་འགོད་གསལ་བསྒྲགས།:རིམས་ནད་ཀྱི་མདུན་དུ་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་ནུས་པ་གལ་ཆེན་བཏོན་པ། | ཀུན་གསལ NAV
གནས་སྐབས་སུ་དཔྱད་བརྗོད་མེད།