བཻ་རོ་ཙ་ན་སློབ་གསོ།
ཀྲུང་གོ མཚོ་སྔོན།
སློབ་གསོ།
བཻ་རོ་ཙ་ན་སློབ་གསོ།

བཻ་རོ་ཙ་ན་སློབ་གསོ་དྲ་བ་ནི་སྤྱིར་དྲ་ལམ་སློབ་གསོའི་ལས་རིགས་ཤིག་ཡིན་ཞིང་གཙོ་བོ་མི་རིགས་རང་གི་སྐད་ཡིག་དང་སྤྱི་ཚོགས་ཀྱི་དགོས་མཁོ་དམིགས་སུ་བཟུང་སྟེ་རྩ་འཛུགས་བྱས་པ་ཞིག་སྟེ། ད……

བཻ་རོ་ཙ་ན་སློབ་གསོ།

བཻ་རོ་ཙ་ན་སློབ་གསོ་དྲ་བ་ནི་སྤྱིར་དྲ་ལམ་སློབ་གསོའི་ལས་རིགས་ཤིག་ཡིན་ཞིང་གཙོ་བོ་མི་རིགས་རང་གི་སྐད་ཡིག་དང་སྤྱི་ཚོགས་ཀྱི་དགོས་མཁོ་དམིགས་སུ་བཟུང་སྟེ་རྩ་འཛུགས་བྱས་པ་ཞིག་སྟེ། དྲ་རྒྱའི་ཁྱབ་ཁོངས་དང་སྤྱོད་ནུས་ཉིན་བཞིན་འཕེལ་རྒྱས་བློ་ཡུལ་ལས་འགོངས་པར་ཕྱིན་བཞིན་པའི་སྒང་འདིར།ཕ་སྐད་དང་མ་ཡིག་སྤྱད་དེ་དུས་རབས་གསར་བའི་ཆ་འཕྲིན་གྱི་རིག་གནས་སྣེ་དང་ཟུར་མི་འདྲ་བ་གང་མང་ལ་སློབ་སྦྱོང་དང་རྒྱུས་ལོན་བྱ་དགོས་པ་ནི་གཟུར་དུ་མེད་པའི་འགན་འབབ་ཞིག་ཏུ་ཆགས་ཟིན།དེར་བརྟེན།བཻ་རོ་ཙ་ན་སློབ་གསོ་དྲ་བ་ནི་ཐོག་མའི་སེམས་བསྐྱེད་མི་རིགས་རང་གི་སྐད་ཡིག་གནས་བབ་དང་ཆ་འཕྲིན་སློབ་གསོའི་རྣམ་པ་སྤྱི་ལ་བཏད་དེ།དཀའ་སྤྱད་དང་བརྩོན་པ་དུ་མས་འཚར་ལོངས་ཀྱི་རྒྱུད་རིམ་མི་ཉུང་བ་ཞིག་བརྒྱུད་དེ་ལམ་དུ་ཆས་པ་ཞིག་ཡིན།གཞན་ཡང་བོད་ཀྱི་ཆབ་དཔལ་རིག་གསུམ་སྤྱི་ལ་ཟུར་རྒྱན་གྱི་ཚུལ་དུ་རྒྱལ་སྤྱི་རང་བཞིན་གྱི་ཆ་འཕྲིན་སློབ་གསོ་ནང་འདྲེན་དང་།མི་རིགས་རང་གི་ཡ་བྲལ་རིག་གནས་འཐུས་ཚང་དང་དྲིལ་སྒྲོགས་བགྱི་བ་དང་དུ་ལེན་པ་ནི་གཏན་གྱི་འདུན་མར་བཟུང་ཡོད།དེ་བས་བཻ་རོ་ཙ་ན་སློབ་གསོའི་དྲ་བ་ནི་བོད་ཁུལ་གྱི་ཆེས་ཐོག་མའི་དྲ་ལམ་(སྒྲ་གཟུགས་བརྙན་གསུམ་དང་ཐད་གཏོང་)ཆ་འཕྲིན་སློབ་ར་དང་TEDསོགས་ཀྱིས་མཚོན་པའི་རྒྱལ་སྤྱིའི་མཚན་སྙན་འབར་བའི་གཏམ་བཤད་གང་མང་བོད་ཡིག་གི་ལམ་ནས་གསན་གཟིགས་བྱ་ཐུབ་པའི་འཆད་སྟེགས་ཤིག་ཡིན།

འབྲེལ་ཡོད་དྲ་ཚིགས།

ལྡེ་མིག་སློབ་གླིང་།

སི་ཁྲོན་ཁྱུང་ལུང་དངུལ་མཁར་བོད་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་ནི་དྲ་ལམ་སློབ་གསོ་དང་རིག་གནས་མྱུར་སྐྱོབ། རིག་གཞུང་བྱེད་སྒོ་རྩ་འཛུགས་སོགས་ཀྱི་ལས་ཀར་གཞོལ་བཞིན་པའི་སྤྱི་གཉེར་ཁང་ཞིག་ཡིན། སྤྱི་ལོ 2018 ལོའི་ཟླ 8ཚེས 27ཉིན་གསར་དུ་བཙུགས་ཤིང་། སྤྱི་གཉེར་ཁང་གི་ལྟེ་གནས་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དང་བོད་ལྗོངས་ལྷ་ས། ཨ་མདོ་རྔ་བ་བཅས་ན་ཡོད། སྤྱི་གཉེར་ཁང་འདིར་ཆེད་བསྐོས་མི་སྣ་ལྔ་དང་ལས་ཞོར་མི་སྣ་སུམ་ཅུ་ལྷག་ཡོད། སྤྱི་གཉེར་ཁང་འདིའི་མངའ་ཁོངས་སུ་དྲ་ལམ་ལྡེ་མིག་སློབ་གླིང་དང་གངས་རིན་པོ་ཆེ་རིག་གནས་ཁྱབ་སྤེལ་ལྟེ་གནས། བོད་ཀྱི་གནའ་བོའི་ཡིག་རྙིང་རིག་གནས་མྱུར་སྐྱོབ་ལྟེ་གནས་བཅས་སྡེ་ཁག་གསུམ་ཡོད་དོ།།

རྩམ་ཁུག་དྲ་བ།

རྩམ་ཁུག་བོད་ཀྱི་སློབ་ཁྲིད་ཐོན་ཁུངས་དྲ་བ་ནི་སྤྱི་ལོ་༢༠༡༡ལོའི་ལོ་འགོར་བོད་ལྗོངས་གམ་པ་རྫོང་སློབ་འབྲིང་གི་དགེ་རྒན་གྲོང་གཞིས་བྱམས་པས་འཆར་འགོད་དང་བཟོ་འགྲུབ་ཀྱི་གྲ་སྒྲིག་བྱས་ཤིང་།བོད་ལྗོངས་དེང་རིང་རྫོང་སློབ་འབྲིང་རྒན་ཚེ་རིང་དོན་གྲུབ་ལགས་དང་། ལྷ་ས་ཆུ་ཤུར་རྫོང་རྟ་དཀར་ཤང་སློབ་ཆུང་གི་རྒན་ཉི་མ་ཚེ་བརྟན་ལགས།གཉའ་ནང་རྫོང་སློབ་འབྲིང་གི་རྒན་འཇམ་དབྱངས་ཆོས་གྲགས་ལགས་སོགས་པའི་རྒན་ལགས་མང་པོའི་རྒྱབ་སྐྱོར་འོག་༢༠༡༡ལོའི་ཟླ་བ་༡༡པའི་ཚེས་༡༡ཉིན་དངོས་སུ་དྲ་ཐོག་ཏུ་ཤར་གཏོང་བྱས་ནས་ད་བར་ལོ་གསུམ་རིང་སློབ་ཁྲིད་འཆར་ཟིན་དང་།སྨྱན་མང་ཁྲིད་ཆས།བསྐྱར་སྦྱོང་དང་ཡིག་རྒྱུགས་དེ་མིན་སློབ་ཁྲིད་སྐོར་གྱི་རྒྱུ་ཆ་མང་པོ་ཞིག་གསོག་འཇོག་དང་།མཉམ་སྤྱོད་བྱས་པར་ལྗོངས་ཞིང་ལྔའི་སློབ་ཁྲིད་ཀྱི་གཡུལ་ས་མདུན་མར་ཕྱག་ལས་གནང་གིན་པའི་རྒན་ལགས་མང་པོའི་དགའ་བསུ་ཆེན་མོ་ཐོབ་ཡོད།

དཔྱད་བརྗོད་མེད།

གནས་སྐབས་སུ་དཔྱད་བརྗོད་མེད།