འབྲེལ་ཡོད་དྲ་ཚིགས།

བཙན་པོ་ཚང་ནི་དྲ་བ་དང་ཟིན་བྲིས་གཅིག་ལྕོགས་སུ་གཉེར་ཆོག་པའི་རང་དབང་གི་དོ་ར་ཞིག་ཡིན། འདི་ནས་སེམས་ཀྱི་གཤོག་ཟུང་གིས་ནམ་འཕང་བསྟོད་དང་ཨ་སྔོན་བཞིན་ཡངས་ཤིང་རྒྱ་ཆེ་ལ། འདི་ནས་བདེ་འབོལ་ལེར་དབུགས་མལ་ཡུན་ཙམ་གསོས་དང་བྲག་ཐེམ་ལས་སྐྱིད་ཅིང་དྲོ་བ་ཡོད། དེ་ཡང་བཙན་པོ་ཚང་ཅེས་པའི་བོད་ཡིག་གི་དྲ་ཚིགས་འདི་ནི་མང་པོས་མཉམ་དུ་ཅི་རིགས་བླུགས་ཏེ་དར་ཞིང་རྒྱས་པར་བྱེད་པའི་རྣམ་པ་གསར་བའི་དྲ་ཚིགས་ཅིག་ཡིན། གལ་ཏེ་ཁྱེད་ལ་སྤྲོ་སྣང་ཡོད་ཚེ་གནས་འདིར་ཐོ་འགོད་བྱས་ནས་རང་ཉིད་ལ་དབང་བའི་ས་ཞིག་བཟུང་ཆོག་ཅིང་། འདི་ནི་རང་ཉིད་ལ་དབང་བའི་པོད་ཁུག་གམ་ཟིན་བྲིས་ཅིག་ཏུ་ངོས་བཟུང་ནའང་མི་ཆོག་པ་མེད་ལ། རང་ཉིད་དྲ་ཚིགས་འདིའི་རྐང་འཛིན་རྩོམ་པ་པོ་ཞིག་ཏུ་འགྱུར་ནའང་ཆོག་སྟེ། འདི་ནི་རང་དབང་གི་ཁོར་ཡུག་གཙང་མ་ཞིག་གམ། ཕ་སྐད་ཀྱི་ལམ་ནས་བསྒྲུབ་པའི་སྨྱན་བྱེད་གསར་བ་ཞིག་ཀྱང་ཡིན་ནོ།། སྤྱི་ལོ 2014 ལོའི་ཟླ 7 ཚེས 2 ཉིན་ཤར་གཏོང་བྱས། སྤྱི་ལོ 2015 ལོའི་ཟླ 1 ཚེས 6 ཉིན་པར་གཞི་གསར་དུ་བརྗེས།

སི་ཁྲོན་ཁྱུང་ལུང་དངུལ་མཁར་བོད་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་ནི་དྲ་ལམ་སློབ་གསོ་དང་རིག་གནས་མྱུར་སྐྱོབ། རིག་གཞུང་བྱེད་སྒོ་རྩ་འཛུགས་སོགས་ཀྱི་ལས་ཀར་གཞོལ་བཞིན་པའི་སྤྱི་གཉེར་ཁང་ཞིག་ཡིན། སྤྱི་ལོ 2018 ལོའི་ཟླ 8ཚེས 27ཉིན་གསར་དུ་བཙུགས་ཤིང་། སྤྱི་གཉེར་ཁང་གི་ལྟེ་གནས་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དང་བོད་ལྗོངས་ལྷ་ས། ཨ་མདོ་རྔ་བ་བཅས་ན་ཡོད། སྤྱི་གཉེར་ཁང་འདིར་ཆེད་བསྐོས་མི་སྣ་ལྔ་དང་ལས་ཞོར་མི་སྣ་སུམ་ཅུ་ལྷག་ཡོད། སྤྱི་གཉེར་ཁང་འདིའི་མངའ་ཁོངས་སུ་དྲ་ལམ་ལྡེ་མིག་སློབ་གླིང་དང་གངས་རིན་པོ་ཆེ་རིག་གནས་ཁྱབ་སྤེལ་ལྟེ་གནས། བོད་ཀྱི་གནའ་བོའི་ཡིག་རྙིང་རིག་གནས་མྱུར་སྐྱོབ་ལྟེ་གནས་བཅས་སྡེ་ཁག་གསུམ་ཡོད་དོ།།